Lesson 4 - Dialogue (with audio) Flashcards
རྨོ་རྨོ་ལགས། ཉིན་གུང་བདེ་ལེགས། ཁྱེད་རང་སྐུ་གཟུགས་བདེ་པོ་ཡིན་པས།
Dear grandmother, good afternoon! Are you well? (H)
བདེ་པོ་ཡིན་ལགས། བུ་མོ་ཁྱེད་རང་བདེ་པོ་ཡིན་པས།
I am well. Young lady, are you well?
ང་ཡང་བདེ་པོ་བདེ་རྐྱང་ཡིན།
I am also very well.
བུ་མོ་ཁྱེད་རང་ལུང་པ་ག་ནས་ཡིན།
Young lady, where are you from?
ང་དབྱིན་ཡུལ་ནས་ཡིན། ཨ་ནི་རྨོ་རྨོ་ལགས། ཁྱེད་རང་འཁྲུངས་ས་ག་ནས་ཡིན།
I am from England. And grandmother, where is your birthplace? (H)
ད་ང་སྐྱེ་ས་གཞིས་ཀ་རྩེ་ནས་ཡིན། བུ་མོ་ཁྱེད་རང་བོད་སྐད་ཡག་པོ་ཞེ་པོ་ཅིག་སྐྱོན་གྱི་ འདུག་ག བོད་སྐད་ག་པར་སྦྱངས་པ་ཡིན་པ།
Well, my birthplace is Shigatse. Young lady, you are speaking Tibetan extremely well! Where did you learn Tibetan?
ཨོ་ཙེ། ཨོ་ཙེ། ཐུགས་རྗེ་གནང་། ངས་བོད་སྐད་ང་རང་གི་ལུང་པ་ལ་སྦྱངས་པ་ཡིན།
(My Tibetan is) okay. Thank you! (H) I studied Tibetan in my country.
བུ་མོ་ལགས། ཁྱེད་རང་གི་བོད་སྐད་ཡག་པོ་ཞེ་དྲག་སྦྱངས་བཞག (you’ve learnt well) ཐུགས་རྗེ་གནང་། ཨ་ནི་བུ་མོ་ཁྱེད་རང་གི་ཆོས་ལུགས་ག་རེ་རེད།
Young lady, you have learned Tibetan very well! Thank you! (H) And then, young lady, what is your religion?
ངའི་ཕ་མ་ཡི་ཤུ་རེད། ཡིན་ནའི་ང་ནང་པ་ཡིན། རྨོ་རྨོ་ལགས། ཁྱེད་རང་ད་ནང་པ་ཡིན་གྱི་རེད་པ།
My parents are Christian, but I’m Buddhist. Dear grandmother, you are probably Buddhist, right?
ལགས་ཡིན། བུ་མོ་ཁྱེད་རང་དེང་སང་ག་པར་བཞུགས་ཀྱི་ཡོད།
I am. (H) Young lady, these days, where do you stay? (H)
ང་ཐོས་བསམ་གླིང་ལ་སྡོད་ཀྱི་ཡོད།
I stay at Thö Samling.
ཐོས་བསམ་གླིང་ག་པར་ཡོད་རེད།
Where is Thö Samling?
ཐོས་བསམ་གླིང་ནོར་བུ་གླིང་ཁའི་འགྲམ་ལ་ཡོད་རེད། ཕྱི་རྒྱལ་གྱི་བཙུན་མ་དགོན་པ་གཅིག་རེད། ང་དེ་ལ་སྡོད་ཀྱི་ཡོད།
Thö Samling is nearby the Norbulingka. It is a nunnery for foreign nuns. I live there.
ད་དྷ་རམ་ས་ལ་ལ་སླེབས་ནས་ཉི་མ་ག་ཚོད་ཕྱིན་སོང་།
Now, since arriving to Dharmasala, how many days have gone by?
འདིར་སླེབས་ནས་ཟླ་བ་གཅིག་དང་ཕྱེད་ཀ་ཕྱིན་སོང་། ཨ་ནི་རྨོ་རྨོ་ལགས། ཁྱེད་རང་རྒྱ་གར་ལ་བཞུགས་ནས་ལོ་ག་ཚོད་ཕྱིན་སོང་།
Since arriving here, one and a half months have gone by. And, dear grandmother, since staying in India, how many years have gone by?