Lesson 2 - Vocabulary Sentences Flashcards
We are in the classroom.
ང་ཚོ་འཛིན་ཁང་ལ་ཡོད།
There is no electricity in the classroom.
འཛིན་ཁང་ལ་གློག་མི་འདུག
We all like studies.
ང་ཚོ་ཚང་མ་སློབ་སྦྱོང་ལ་དགའ་པོ་ཡོད།
This academy is good.
སློབ་གྲྭ་ཆེན་མོ་འདི་ཡག་པོ་ཡོད་རེད།
I have a good computer.
ང་ལ་གློག་ཀླད་ཡག་པོ་གཅིག་ཡོད།
There are a lot of tables in the classroom.
འཛིན་ཁང་ལ་ཅོག་ཙེ་མང་པོ་འདུག
I learn Tibetan online.
ང་དྲ་རྒྱ་ཡི་ཐོག་ནས་བོད་སྐད་སྦྱང་གི་ཡོད།
We all like studies.
ང་ཚོ་ཚང་མ་སློབ་སྦྱོང་ལ་དགའ་པོ་ཡོད།
Is your class at the Library?
ཁྱེད་རང་གི་འཛིན་གྲྭ་དཔེ་མཛོད་ལ་ཡོད་རེད་པས།
There is no electricity in the classroom.
འཛིན་ཁང་ལ་གློག་མི་འདུག
Do you know Tibetan language?
ཁྱེད་རང་བོད་སྐད་ཤེས་ཀྱི་ཡོད་པས།
I’m sorry, I did not understand (it).
དགོངས་དག ངས་ཧ་གོ་མ་སོང་།
Could you please say it again!
ཡང་བསྐྱར་གསུང་རོགས་གནང་།
I’m a student.
ང་སློབ་ཕྲུག་ཡིན།
We have a lot of homework.
ང་ཚོ་ལ་ནང་སྦྱོང་མང་པོ་ཡོད།
There is a couple of pictures in the classroom.
འཛིན་ཁང་ལ་སྐུ་པར་ཁ་ཤས་ཡོད་རེད།
I have a lot of self-study.
ང་ལ་རང་སྦྱོང་མང་པོ་ཡོད།
I’m reading a book.
ང་དེབ་ཀློག་གི་ཡོད།
I’m in class.
ང་འཛིན་གྲྭ་ལ་ཡོད།
I have two religious books.
ང་ལ་དཔེ་ཆ་གཉིས་ཡོད།
I’m reading a book.
ང་དེབ་ལྟ་གི་ཡོད།
We listen to the teacher.
ང་ཚོ་རྒན་ལགས་ལ་ཉན་གྱི་ཡོད།
We are new students.
ང་ཚོ་སློབ་ཕྲུག་གསར་པ་ཡིན།
We are content.
ང་ཚོ་སྐྱིད་པོ་འདུག
(Our) dear teacher’s voice is pleasant to hear.
རྒན་ལགས་ཀྱི་སྐད་སྙན་པོ་འདུག
The second Lesson is easy.
སློབ་ཚན་གཉིས་པ་ལས་སླ་པོ་འདུག
We are all hard working.
ང་ཚོ་ཚང་མ་བརྩོན་འགྲུས་ཆེན་པོ་ཡོད།
We listen to the teacher.
ང་ཚོ་རྒན་ལགས་ལ་ཉན་གྱི་ཡོད།
I have three exercise books.
ང་ལ་སྦྱོང་དེབ་གསུམ་ཡོད།
This school is big.
སློབ་གྲྭ་འདི་ཆེན་པོ་འདུག
Tibetan language is hard.
བོད་སྐད་དཀའ་ལས་ཁག་པོ་འདུག
We learn Tibetan language.
ང་ཚོ་བོད་སྐད་སྦྱང་གི་ཡོད།
We memorize a lot of new vocabulary.
ང་ཚོ་ཚིག་གསར་བློ་འཛིན་མང་པོ་བྱེད་ཀྱི་ཡོད།
[Our] dear teacher is studying a book (H)
རྒན་ལགས་ཕྱག་དེབ་གཟིགས་ཀྱི་འདུག