Lesson 3 - Vocabulary Flashcards
པར།
Picture
Photo (པར་ as in: ཁ་པར་ = phone, lit. mouth picture)
འཛིན་ཁང་ནང་ལ་པར་འདུག
There are pictures in the classroom.
པར་ཆས།
Camera
(པར་ = picture; ཆས་ = thing, tool, requisite, as in: གྱོན་ཆས་ = clothing, ཉལ་ཆས་ = bed sheet, བཟའ་ཆས་ = things to eat)
ང་ལ་པར་ཆས་མེད།
I don’t have a camera.
ལུང་པ།
Land
Country. Area. Valley (depending on the context).
ངའི་ལུང་པ་བོད་རེད།
My land is Tibet.
སེམས་ཅན།
Sentient being
Animal. (སེམས་ = mind; ཅན་ = having, endowed with)
ང་སེམས་ཅན་ལ་དགའ་པོ་ཡོད།
I like/love animals.
དུད་འགྲོ།
Non-human animal
(དུད། = to stoop, bowed, to bend down; འགྲོ། = to go).
ང་ཚོའི་སློབ་གྲྭ་ལ་དུད་འགྲོ་མང་པོ་མི་འདུག
There are not many animals at our school.
མི།
Human
Person. (as in: ནང་མི་ = family)
འཛིན་ཁང་ནང་ལ་མི་མང་པོ་འདུག
There are plenty of people in the classroom.
ཤིང་སྡོང་།
Tree
(ཤིང་ = wood; སྡོང་ = trunk, stalk, as in: སྡོང་མོ་ = churn to make Tibetan tea)
ཁོང་ཚོའི་སློབ་གྲྭ་ལ་ཤིང་སྡོང་མང་པོ་མི་འདུག
There are not many trees at their school.
མེ་ཏོག
Flower
(As in the Tibetan song: མེ་ཏོག་དཀར་པོ། = white flower).
གླིང་ག་ལ་མེ་ཏོག་སྙིང་རྗེ་པོ་མང་པོ་འདུག
There are lots of beautiful flowers in the park.
ཆུ།
Water
འབབ་ཆུ།
Waterfall
(འབབ། = to fall; ཆུ། = water).
ངའི་ལུང་པ་ལ་འབབ་ཆུ་ཡོད་མ་རེད།
There are no waterfalls in my area.
མཚོ།
Lake
(As in: མཚོ་པད་མ།, Tibetan name for Rewalsar, India, Guru Rinpoche pilgrimage site).
ངའི་ལུང་པ་ལ་མཚོ་ཡང་ཡོད་མ་རེད།
There is no lakes either in my area.
མཚོ་གླིང་།
Island
(མཚོ་ = lake; གླིང་ as in: འཛམ་གླིང་ = world, or གླིང་ག་ = park).
ངའི་ལུང་པ་མཚོ་གླིང་མ་རེད།
My country is not an island.
རྒྱ་མཚོ།
Ocean
Sea. (རྒྱ་ = རྒྱ་ཆེན་པོ་ = vast; མཚོ་ = lake; as in: བསྟན་འཛིན་རྒྱ་མཚོ་ (H.H. Tenzin Gyatso)
ང་རྒྱ་མཚོ་ལ་དགའ་པོ་ཞེ་དྲག་ཡོད།
I really like the sea a lot.
གླིང་ག
Park
Garden. Green area. Picnic. Also spelled: གླིང་ཁ། (གླིང་ག as in: ནོར་བུ་གླིང་ཁ། = Norbulinka, summer palace of H.H. the Dalai Lama in Lhasa).
གླིང་ག་སྐྱིད་པོ་འདུག
The park is nice/pleasant.
མཆོད་རྟེན།
Stupa
Monument (མཆོད་ = to offer; རྟེན་ = support)
ང་མཆོད་རྟེན་ལ་ཡོད།
I am at the stupa.
དགོན་པ།
Monastery
Lonely/Retreat place.
བོད་ལ་དགོན་པ་མང་པོ་ཡོད་རེད།
There are a lot of monasteries in Tibet.
ལྷ་ཁང་།
Temple
Shrine hall. (ལྷ་ = god, as in: ལྷ་ས་ = Lhasa; ཁང་ as in: ཁང་པ་ = house, building)
ལྷ་ཁང་ལ་སྐུ་འདྲ་ཡོད་རེད།
There are statues in the shrine hall/temple.
སྐུ་འདྲ།
Statue
(སྐུ་ = body, as in: སྐུ་གསུང་ཐུགས་ = body, speech and mind (of the Buddha); འདྲ་ = like, similar to)
དགོན་པ་ལ་སྐུ་འདྲ་ཡོད་རེད།
There are statues in the monastery.
ཚོང་ཁང་།
Shop
(ཚོང་། = to sell; ཁང་པ། = house, building, room).
ངའི་ནང་གི་འཁྲིས་ལ་ཚོང་ཁང་གཅིག་ཡོད་རེད།
There is one shop/store next to my house.
རླུང་རྟ།
Wind-horses
Prayer flags. (རླུང་ = wind; རྟ་ = horse)
མཚོ་པད་མ་ལ་རླུང་རྟ་མང་པོ་ཡོད་རེད།
There are lots of wind horses/prayer flags at Rewalsar.
ཡུལ་ལྗོངས།
Landscape
Scenery. (ཡུལ་ = place, area, object; ལྗོངས་ as in: བོད་གངས་ཅན་ལྗོངས་ = Snow Land Tibet)
ཡུལ་ལྗོངས་སྙིང་རྗེ་པོ་འདུག
The scenery is nice/pretty.
ལམ་ཀ
Path
Way. Road.
ལྡི་ལི་ལ་འགྲོ་སའི་ལམ་ཀ་ཡག་པོ་མི་འདུག
The road to Delhi is not good.
མོ་ཊ།
Car
Vehicle. Taxi. Automobile.
ང་ལ་མོ་ཊ་མེད།
I do not have a car.
གྲོང་གསེབ།
Village
(གྲོང་ = town, village, as in: རྩྭ་མཆོག་གྲོང་ = Kushinagar)
ས་རཱ་གྲོང་གསེབ་རེད།
Sarah is a village.
གྲོང་ཁྱེར།
City
Town. (གྲོང་ = town, village)
ས་རཱ་གྲོང་ཁྱེར་མ་རེད།
Sarah is not a city/town.
ཤིང་ནགས།
Forest
Jungle. (syn: ནགས་ཚལ།) (ཤིང་ = wood, tree; ནགས་ = ནགས་ཚལ་ = forest)
བཀྲ་ཤིས་ཀྱི་ལུང་པ་ལ་ཤིང་ནགས་འདུག
There is forest in Tashi’s country.
གུར།
Tent
Yurt
འབྲོག་པ་ལ་གུར་ཡོད་རེད།
Nomads have tents.
འབྲོག་པ།
Nomad
ཨ་རི་ལ་འབྲོག་པ་མང་པོ་ཡོད་མ་རེད།
There are not many nomads in America.
སྤང་ཐང་།
Meadow
Grassy plain. (སྤང་ = meadow; ཐང་ = field, as in: གནམ་ཐང་ = airport)
ང་ཚོའི་སློབ་གྲྭ་ལ་སྤང་ཐང་ཡོད་མ་རེད།
There is no meadow at our school.
མཛོ།
Dzo
Female yak
བོད་ལ་མཛོ་མང་པོ་ཡོད་རེད།
There are a lot of dzo in Tibet.
གཡག
Yak
གཡག་ཆེན་པོ་ཡོད་རེད།
Yaks are big.
བ་ཕྱུགས།
Cow
གླིང་སྐོར་ལ་བ་ཕྱུགས་ཁ་ཤས་འདུག
There are some cows at the Lingkor.
ར།
Goat
རྒྱ་གར་ལ་ར་མང་པོ་འདུག
There are a lot of goats in India.
གོ་བ།
To hear
To understand. Understanding.
ངས་གཞས་གོ་སོང་།
I heard the song.
སྔོན་པོ།
Blue
དམར་པོ།
Red
(དམར་པོ་ as in: དམར་ཟས་ = non-veg food)
ཀུ་ཤུ་འདི་དམར་པོ་འདུག
This apple is red.
སེར་པོ།
Yellow
(སེར་པོ་ as in: མགོ་སེར་ = inf. blond people, meaning foreigners, lit. yellow heads)
སྨྱུ་གུ་འདི་སེར་པོ་རེད།
This pen is yellow.
དཀར་པོ།
White
(དཀར་པོ་ as in: དཀར་པང་ = whiteboard)
ཤོག་བུ་འདི་དཀར་པོ་རེད།
This sheet/piece of paper is white.
ནག་པོ།
Black
(ནག་པོ་ as in: ནག་པང་ = blackboard)
གློག་ཀླད་འདི་ནག་པོ་རེད།
This computer is black.
ལྗང་ཁུ།
Green
(ལྗང་ཁུ་ as in: སྒྲོལ་མ་ལྗང་ཁུ་ or སྒྲོལ་ལྗང་།= Green Tara)
ཤིང་སྡོང་འདི་ཚོ་ལྗང་ཁུ་རེད།
These trees are green.
མཐོ་པོ།
High
Tall (for things.) (མཐོ་པོ་ as in: མཐོ་རིམ་སློབ་གྲྭ་ = college, university)
རི་མཐོ་པོ་འདུག
The mountain is high.
རྙིང་པ།
Old
Ancient. Antique. Aged.(For things.) (རྙིང་ as in: རྙིང་མ་ = Nyingma, the old school)
འཛིན་ཁང་འདི་རྙིང་པ་རེད།
This classroom is old.
མཛེས་པོ།
Beautiful
Pretty. (also used in literary.) (as in the expression: མཛེས་མ་ = [hey] beauty!)
བུ་མོ་འདི་མཛེས་པོ་འདུག
This girl/lady is pretty.
རྒྱ་ཆེན་པོ།
Vast
Open. Spacious. Broad. (རྒྱ་ = vast, as in: རྒྱ་མཚོ་ = ocean (vast lake), རྒྱ་གར་ = India; ཆེན་པོ་ = big)
ང་ཚོའི་འཛིན་ཁང་རྒྱ་ཆེན་པོ་ཞེ་དྲག་མི་འདུག
Our classroom is not very vast.
སྐད་གྲགས་ཆེན་པོ།
Well-known
Famous. Renowned. (སྐད་ = voice, language; གྲགས་ = fame; ཆེན་པོ་ = big)
བོད་ལ་མཆོད་རྟེན་དང་དགོན་པ་སྐད་གྲགས་ཆེན་པོ་མང་པོ་ཡོད་རེད།
There are a lot of famous stupas and monasteries in Tibet.
ག་རེ།
What?
སེམས་ཅན་ཆེན་པོ་དེ་ཚོ་ག་རེ་རེད། དེ་ཚོ་གཡག་རེད།
What are those big animals? Those are yak.
གང་འདྲས།
How?
ཁྱེད་རང་གི་ལུང་པ་གང་འདྲས་ཡོད་རེད།
How is your country?
གཞན་དག
Other
འབྲོག་པའི་ས་ཁུལ་ལ་གུར་མ་གཏོགས་ཁང་པ་གཞན་དག་ཡོད་མ་རེད།
In the area of the nomads, there are only tents and no other houses.
དཔེར་ན།
For example…
e.g. (དཔེ་ = example, as in: གཏམ་དཔེ་ = proverb)
ངའི་གྲོང་གསེབ་ལ་སེམས་ཅན་དཔེར་ན་བ་ཕྱུགས་དང་ལུག་དང་མཛོ་ལ་སོགས་པ་མང་པོ་ཡོད་རེད།
In my village there are a lot of animals, for example, cows, sheeps, dzos, etc.
བྱས་ན།
This being so…
…So… …Then… (བྱས། = did; ན་ = if).
བྱས་ན་ཁྱེད་རང་གི་གྲོང་ཁྱེར་དང་ངའི་ལུང་པ་གཅིག་པ་རེད་མི་འདུག
So then, your city and my native/birth place area are not the same.
གཅིག་པ།
Same
Identical. Not different. (གཅིག་ = one)
བསྟན་འཛིན་ལགས་དང་བློ་བཟང་ལགས་གཅིག་པ་གཅིག་རྐྱང་རེད།
Tenzin la and Lobsang la are identical.
མ་གཏོགས།
Only
Also: except, unless.
ང་ལ་སྒོར་མོ་ཉི་ཤུ་མ་གཏོགས་མེད།
I have only twenty [rupees].
གཙང་པོ།
River
(as in: ཡར་ལུང་གཙང་པོ་ = Yarlung Tsangpo, river in Lhoka in Tibet)
བོད་ལ་གཙང་པོ་ཆེན་པོ་ཡོད་རེད།
There are big rivers in Tibet.
རྟ།
Horse
ང་རྟ་ལ་དགའ་པོ་ཡོད།
I like/love horses.
ལུག
Sheep
(ལུག་ as in: ར་མ་ལུག་ = neither goat nor sheep)
ང་ཚོའི་འཛིན་ཁང་གི་ནང་ལ་ལུག་མི་འདུག
There are no sheep inside of our classroom.
མཐོང་བ།
To see
To perceive.
ངས་རྒན་ལགས་མཐོང་སོང་།
I saw the Professor. (invol.)
པར་རྒྱག་པ།
To take a picture
(པར་ = photo, as in: པར་ཆས་ = camera; རྒྱག་པ་ = to make, do, as in: སྐོར་ར་རྒྱག་པ་ = to do circumambulations) པར་འདི་ངས་བརྒྱབ་པ་ཡིན།
I took this picture.
རྩ་ཆེན་པོ།
Sacred
Holy, Precious. (རྩ། = root, as in: རྩ་བའི་བླ་མ། = root lama; ཆེན་པོ། = big)
བོད་ལ་དགོན་པ་རྩ་ཆེན་པོ་ཡོད་རེད།
There are sacred/precious monasteries in Tibet.
ཁུ་སིམ་པོ།
Noiseless
Quiet. Mute. Silent. Peaceful. Calm. Soundless.
ང་ཚོའི་སློབ་གྲྭ་ཁུ་སིམ་པོ་འདུག
Our school is quiet & peaceful.
ག་པར་ག་པར།
What are you talking about?
Not at all! No way! (ག་པར་ = where)
ཁྱེད་རང་བོད་སྐད་ཡག་པོ་རྒྱག་གི་འདུག ག་པར་ག་པར། ཁྱོན་ནས་ཤེས་ཀྱི་མེད།
You speak Tibetan well! – No way! I do not know it at all.
སྐྱིད་པོ།
Pleasant
Fun. Content. Comfortable. Nice. Happy. (སྐྱིད། = comfort; happiness, as in the Tibetan name: བདེ་སྐྱིད།).
གླིང་གའི་ནང་ལ་སྐྱིད་པོ་འདུག
It’s fun insithe the park!
སྙིང་རྗེ་པོ།
Beautiful
Nice. Pretty. Cute. (སྙིང as in: སྙིང་རྗེ་ = compassion.)
ཁྱེད་རང་གི་པར་དེ་ཚོ་སྙིང་རྗེ་པོ་འདུག
Those pictures of yours are beautiful.
ལྟ་བ།
To look at…
To read. To see. To View. (ལྟ་བ། = view, as in: ལྟ་བ་རྟེན་འབྱུང་དང་།
སྤྱོད་པ་འཚེ་མེད། = view of dependent origination and conduct of non-violence).
ང་ནག་པང་ལ་ལྟ་གི་ཡོད།
I’m looking at the blackboard.